བོད་བཙན་པོའི་ཕ་མཁར།
གཞས་ཚིག མཁན་གངས་ཆར།
དབྱངས། ངག་བསྟན།
གཞས་མ་མི་འགྱུར་སྒྲོལ་མ།
མཛེས་སྡུག་ཁྱད་འཕགས་བཙན་པོའི་ཕ་མཁར་ཞེས།།
གྲགས་པའི་བ་དན་གཡོ་བའི་ཁྱད་ནོར་འདི།།
སུམ་གཉིས་ས་ལ་དབང་བའི་མེས་པོ་ཡིས།།
ཁ་བ་ཅན་ལ་བཞག་པའི་རྡོ་རིང་ཡིན།།
མཛེས་པའི་གཟི་བྱིན་འཕྲོ་བའི་དམར་པོ་རི།།
སྙན་པའི་ས་ཆེན་གཡོ་བའི་མུ་ཁྱུད་ཅན།།
ད་ལྟ་གངས་ཅན་བོད་པའི་གཅེས་ནོར་དུ།།
རྔམ་པའི་ཚུལ་གྱིས་འགྱིང་བའི་བསོད་ནམས་མཐོ།།
ཁ་བའི་ཕ་མཁར་པོ་ཏ་ལ་ཡི་དཔལ།།
ཟླུམ་གཟུགས་གོ་ལའི་རྩེ་ན་འབར་བ་ཡིས།།
ཕྱོགས་བཅུའི་མགྲོན་པོ་བསུ་བའི་ངང་ཚུལ་ལས།།
ངོམ་པའི་དཔལ་འདི་ང་ཚོའི་གཟི་བརྗིད་ལགས།།
༄༅། །སྙན་འཇེབས་ཡིད་དབང་འཕྲོག་པའི་གླུ་དབྱངས་ཀྱིས་མི་སེམས་ལ་གཡོ་འགུལ་ཐེབས་པས་ང་ཚོས་ཁྱེད་རྣམས་ལ་རྒྱལ་ཕྱི་ནང་གི་སྙན་འཇེབས་ལྡན་པའི་བོད་གཞས་ཆེས་གསར་བ་དག་ཉིད་ཀྱི་སྙན་ལམ་ལ་འབུལ་འདོད།དེ་དང་ཆབས་ཅིག་དུ་ཁྱེད་རྣམས་པས་ཨ་མདོའི་བོད་གཞས་སྤྱི་སྟེགས་ལ་དོ་ཁུར་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ།ཁྱེད་ཀྱི་དོ་ཁུར་དང་བརྒྱུད་བསྐུར་ནི་ང་ཚོའི་སེམས་ཤུགས་ཀྱི་འབྱུང་རྩ་དང་མདུན་སྐྱོད་ཀྱི་སྤོབས་པ་ཡིན་པས། ང་ཚོས་སྔར་ལས་ལྷག་པའི་འབད་བརྩོན་བྱས་སྟེ། ཕུན་སུམ་ཚོགས་པའི་བོད་གཞས་དེ་བས་ཀྱང་མང་བ་ཞིག་ཁྱེད་རྣམས་ལ་སྤེལ་འདོད་པའི་རེ་བ་དང་ལྷག་བསམ་དྭངས་མ་ཞིག་བཅངས་ཡོད།